གྲལ་མགོ་ཡ་རུ་བཞུགས་པའི།།
གསེར་སྐྱོགས་ཆ་གཅིག་ཕུལ་ཡོད།།
བཀྲ་ཤིས་ལ་སྨོན་ལམ་ལ་ཞུ།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
གྲལ་དཀྱིལ་ཡ་རུ་བཞུགས་པའི།།
དངུལ་ཕོར་ཆ་གཅིག་ཕུལ་ཡོད།།
བཀྲ་ཤིས་ལ་སྨོན་ལམ་ལ་ཞུ།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
གྲལ་སྨད་མ་རུ་བཞུགས་པའི།།
དཀར་ཡོལ་དཀར་གཙང་ཕུལ་ཡོད།།
བཀྲ་ཤིས་ལ་སྨོན་ལམ་ལ་ཞུ།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
དེ་རིང་གཟའ་སྐར་ཡག་ལ།།
རྟགས་དང་རྟེན་འབྲེལ་འགྲིག་སོང་།།
བཀྲ་ཤིས་ལ་སྨོན་ལམ་ལ་ཞུ།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
རྟེན་འབྲེལ་ཕུན་སུམ་ཚོགས་པ།།
དགའ་དགའ་སྤྲོ་སྤྲོ་གནང་དང་།།
བཀྲ་ཤིས་ལ་སྨོན་ལམ་ལ་ཞུ།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
དེ་རིང་ང་ཚོ་འཛོམས་འཛོམས།།
ཡང་ནས་ཡང་དུ་འཛོམས་ཡོད།།
བཀྲ་ཤིས་ལ་སྨོན་ལམ་ལ་ཞུ།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
སིམ་སིམ་སིམ་ལ་མཆོད་དང་།།
མཆོད་ཆང་མཆོད་པའི་བཟི་ཡོད།།
下载链接: |